作词 : Aive14
作曲 : Aive14
编曲 : Aive14
སེམས་ལ་བཟུང་བའི་བརྩེ་གྲོགས།
ཁོང་ནི་ལ་མོའི་རྒྱབ་ཏུ་ལུས་སོང་།
ཉིན་མཚན་མེད་པར་བསམ་རྒྱུ་ཁྱེད་ལས་མེད།
མདང་དགོང་ཉལ་བའི་རྨི་ལམ་ནང་དུ།
ཁྱེད་རང་མཇལ་བར་རྨིས་སོང་།
ཞོགས་པ་ལངས་དུས་སེམས་པ་སྐྱོ་བ་ལ།
སེམས་པ་ཁྱེད་ཀྱི་ཕྱོགས་ལ་ཤོར་སོང་།
ལ་མོའི་རྒྱབ་ཏུ་ཤོར་སོང་།
ང་ཡི་སྐྱོ་གདུང་ཁྱེད་ཀྱི་ས་ཕྱོགས་ལ།
ཁྱེད་དང་མཉམ་དུ་འགྲོ་རྒྱུ་བྱུང་ན་ལ།
སྐྱིད་སྡུག་ག་འདྲ་བྱུང་ཡང་འགྱོད་པ་མེད།
ཁྱེད་ཀྱི་སེམས་པ་ཟླ་བ་དཀར་པོ།
གཞན་སེམས་དྲན་པས་མ་སྒྲིབས།
ང་ཡི་སེམས་ཀྱི་དགའ་ས་ཁྱེད་ལས་མེད།
ཚུར་ལ་གསོན་དང་ང་ཡི་ཚེ་གྲོགས་ལགས།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་འགྱུར་ཐབས་མེད།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |