玉•扎西拉旦-阿佳姑娘歌曲免费下载

《玉•扎西拉旦-阿佳姑娘》歌曲详情

作词 : 玉•扎西拉旦

ནུབ་རིའི་མུ་ཏིག་མཆོད་རྟེན་གམ་ནས།།

སྲོད་ཁའི་མཚམས་སྤྲིན་དམར་པོའི་འོག་ཏུ།།

མེ་ཏོག་ཞལ་ཁ་ཟུམ་པ་མཐོང་ན།།

མཚོ་ཁར་གནས་པའི་ཨ་ཅག་བུ་མོའི།།

མཁུར་ཚོས་བྱུ་རུའི་དམར་མདངས་དྲན་ཡོང་།།

ཨོ…… མཚོ་ཁའི་ཨ་ཅག་བུ་མོ།

མཁུར་ཚོས་བྱུ་རུའི་དམར་མདངས་དྲན་ཡོང་།།

ལྷོ་རིའི་སྐྱེད་ཚལ་ནགས་ཀླུང་དབུས་ནས།།

སྟོན་ཁའི་བསིལ་རླུང་འཇམ་པོའི་ཁྲོད་དུ།།

ཡལ་གའི་ལོ་མ་ས་རུ་འཐོར་ན།།

མཚོ་ཁར་གནས་པའི་ཨ་ཅག་བུ་མོའི།།

གནག་སྣུམ་སྐྲ་ལོའི་ལན་བུ་དྲན་ཡོང་།།

ཨོ……མཚོ་ཁའི་ཨ་ཅག་བུ་མོ།།

གནག་སྣུམ་སྐྲ་ལོའི་ལན་བུ་དྲན་ཡོང་།།

མཁར་གྲོང་སྐྱ་བོའི་སྨག་རུམ་གསེབ་ནས།།

ཁེར་རྐྱང་བསམ་གཞིག་རིང་མོའི་ཁྲོད་དུ།།

མཁའ་མཐར་འཚེར་བའི་སྐར་ཆེན་མཐོང་ན།།

མཚོ་ཁར་གནས་པའི་ཨ་ཅག་བུ་མོའི།།

ཁྲ་ཆེན་མིག་གི་ཟུར་མདའ་དྲན་ཡོང་།།

ཨོ……མཚོ་ཁའི་ཨ་ཅག་བུ་མོ།

ཁྲ་ཆེན་མིག་གི་ཟུར་མདའ་དྲན་ཡོང་།།

下载地址:

此为隐藏内容,需人机验证后查看下载!