聂嘎旦-那仓顶曾阔松歌曲免费下载

《聂嘎旦-那仓顶曾阔松》歌曲详情

作曲 : 聂嘎旦

༼ནག་ཚང་ལྡིང་འཛིན་འཁོར་གསུམ།༽

གཞས་ཚིག ནག་ཚང་དམངས་ཁྲོད།

གཞས་གདངས། གཉོས་སྐར་བསྟན།

ལེན་མཁན། གཉོས་སྐར་བསྟན།

མ་ལར་གི་གླུ་བ་ཡིན་ཟེར་ན།།

དགུང་སྔོན་མོའི་ལྡིང་འཛིན་འཁོར་གསུམ་བཤོད།།

ཡ་ཨ་ལ་ཡེ།།

མ་ལར་གི་གླུ་བ་མ་ཡིན་དེ།།

དགུང་སྔོན་མོའི་ལྡིང་འཛིན་འཁོར་གསུམ་དེ།།

ལྡིང་བསྡད་ལེའི་གཡུ་འབྲུག་སྔོན་མོ་རེད།།

འཁོར་བསྡད་ལེའི་ལྷོ་སྤྲིན་ཕྱུག་མོ་རེད།།

དེའི་སྟེང་རོགས་ཉི་ཟླ་གཉིས་པོ་ཡོད།།

ཨ་རོ་ཡེ། ཡ་ཨ་ལ་ཡེ།།

དེའི་སྟིང་རོགས་ཉི་ཟླ་གཉིས་པོ་ཡོད།།

མ་ལར་གི་གླུ་བ་ཡིན་ཟེར་ན།།

སྦྲ་རི་བའི་ལྡིང་འཛིན་འཁོར་གསུམ་བཤོད།།

ཡ་ཨ་ལ་ཡེ།

མ་ལར་གི་གླུ་བ་མ་ཡིན་དེ།།

སྦྲ་ནག་མོའི་ལྡིང་འཛིན་འཁོར་གསུམ་དེ།།

ལྡིང་བསྡད་ལེའི་ཐུག་དང་དར་ལྕོག་རེད།།

འཁོར་བསྡད་ལེའི་ཕོ་ལྷ་དགྲ་ལྷ་རེད།།

དེའི་སྟེང་རོགས་ཕ་དང་ཨ་ཁུ་ཡོད།།

ཨ་རོག་ཡེ། ཡ་ཨ་ལ་ཡེ།

དེའི་སྟེང་རོགས་ཕ་དང་ཨ་ཁུ་ཡོད།།

མ་ལར་གི་གླུ་བ་ཡིན་ཟེར་ན།།

ཐབས་ཁྲ་མོའི་ལྡིང་འཛིན་འཁོར་གསུམ་བཤོད།།

ཡ་ཨ་ལ་ཡེ།

མ་ལར་གི་གླུ་བ་མ་ཡིན་དེ།།

ཐབས་ཁྲ་མོའི་ལྡིང་འཛིན་འཁོར་གསུམ་དེ།།

ལྡིང་བསྡད་ལེའི་གཡུ་རུང་སྔོན་མོ་རེད།།

འཁོར་བསྡད་ལེའི་ཐབས་ལྷ་རོགས་པོ་རེད།།

དེའི་སྟེང་རོགས་མ་དང་སུ་མོ་ཡོད།།

ཨ་རོག་ཡེ། ཡ་ཨ་ལ་ཡེ།

དེའི་སྟེང་རོགས་མ་དང་སུ་མོ་ཡོད།།

下载地址:

此为隐藏内容,需人机验证后查看下载!