作词 : 民间
作曲 : 民间
ཁྲི་ཤོད་རྒྱལ་མོ
青海湖
ཚིག:དམངས་ཁྲོད།
司:民间
དབྱངས:དམངས་ཁྲོད།
曲:民间
ལེན་མཁན།མགོ་ལོག་གཞས་མ་གངས་སྐྱིད།
唱:刚吉
མཐོན་པོའི་ཡུལ་ན།
མཐིང་མདོག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་རང་སྒྲ།
དལ་གྱིས་སྒྲོག་པའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
འཛམ་གླིང་ཡང་རྩེ་ཁ་བ་ཅན་གྱི་ཡུལ།
ཁྲག་དང་རྔུལ་ཆུས་བསྟུན་པའི་དཔའ་མཛངས་མཐོང་།
ཁྲག་དང་རྔུལ་ཆུས་བསྟུན་པའི་དཔའ་མཛངས་མཐོང་།
ཨོ་་་་་་་ཧོ་་་་་ཧོ
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱེད་ནི་ཡབ་ཆེན་སུ་ཡི་རྔུལ་ཁྲག་ཡིན།
གངས་རིའི་ལྗོངས་སུ།
མཛེས་སྡུག་གིས་འཁྱིལ་བའི།
སེམས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རླབས་ཀྱི་ཟེགས་མ།
དལ་གྱིས་འཕྱོ་བའི་དུས།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།
རང་ཡུལ་དྲོན་མོ་ཁ་བ་ཅན་གྱི་ཡུལ།
བྱམས་དང་མིག་ཆུས་བསྟུན་པའི་ལང་ཚོ་མཐོང་།
བྱམས་དང་མིག་ཆུས་བསྟུན་པའི་ལང་ཚོ་མཐོང་།
ཨོ་་་་་ཧོ་་་་་་་་ཧོ་་་་་
ང་ཡི་ཁྲི་ཤོར་རྒྱལ་མོ།
ང་ཡི་ཁྲི་ཤོར་རྒྱལ་མོ།
ཁྱེད་ནི་མ་ཡུམ་སུ་ཡིས་མིག་ཆུ་ཡིན།
མིག་ཆུ་ཡིན།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |