ང་ཡི་རྨི་ལམ།
ཚིག བློ་བཟང་ཉི་མ།
དབྱངས། བློ་ཚེ།
ལེན་མཁན། བན་དེ་ཚེ་རིང་།
ངས་མདང་སུམ་རྨི་ལམ་ཡག་པོ་རྨིས།།
བོད་ཁ་བ་ཅན་གྱི་ཡུལ་ཕྱོགས་ལ།།
མདོག་སྣ་ལྔའི་མེ་ཏོག་ཤར་བ་རྨིས།།
འབྲུག་སྔོན་མོ་ས་ལ་བབས་པ་རྨིས།
མེ་ཏོག་མཛེས། འབྲུག་སྐད་སྙན།
རི་མཐོན་པོ་ཇོ་མོ་གླང་མ་དེ།།
གསེར་སེར་པོའི་མཆོད་རྟེན་འགྱུར་བ་རྨིས།།
ངས་མདང་སུམ་རྨི་ལམ་བཟང་པོ་རྨིས། །
བརྗིད་ལྡན་གྱི་པོ་ཏ་ལྷ་ཁང་ལ།།
གསེར་མདོག་གི་ཉི་འོད་འཕྲོས་པ་རྨིས།།
འོད་ཟེར་གྱི་རྒྱལ་ཁམས་གསལ་བ་རྨིས།།
ཉི་འོད་དྲོ། བདེ་སྐྱིད་ལྡན།
ཆུ་སྔོན་པོ་ཡར་ཀླུང་གཙང་པོ་དེ།།
དཀར་འོ་མའི་རྒྱུན་བཟང་འགྱུར་བ་རྨིས།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |