作词 : 藏乐圈
作曲 : 藏乐圈
编曲 : 藏乐圈
ཚིག ཚེ་རིང་བཀྲ་ཤིས།
词:才让扎西
དབྱངས། བློ་གསལ།
曲:罗萨
ལེན་མཁན། བློ་གསལ་དང་རྩེ་འབྲོག་རྒྱ་མཚོ།
演唱:;uo罗萨和泽卓尖措
གཙང་ཆུ་འོད་ཀྱིས་འབབ་པའི་ཁུག་པ་ན།།
གཡང་དཀར་སྤྲིན་གྱིས་བཞུར་བའི་ཐང་ཆེན་ན།།
ཁ་བ་དཀར་པོས་གནང་བའི་མགྲིན་པ་འདིས།།
ལང་ཚོའི་རེ་འབོད་སྙན་མོ་གླུ་རུ་ལེན།།
ལང་ཚོའི་རེ་འབོད་སྙན་མོ་གླུ་རུ་ལེན།།
ང་ནི་གངས་རིའི་འདབས་ཀྱི་རྫི་བོ་ཡིན།།
སྦྲ་ནག་གྲུ་བཞིའི་གདན་གྱི་ཡང་སྟེང་ན།།
ཅང་ཤེས་རྐྱང་རྒོད་གཡེར་བའི་སྒ་གོང་ན།།
ཕ་མ་བཟང་པོས་གནང་བའི་ལྷག་བསམ་འདིས།།
འཚེ་མེད་ཞི་བའི་སྙིང་བོ་གླུ་རུ་ལེན།།
འཚེ་མེད་ཞི་བའི་སྙིང་བོ་གླུ་རུ་ལེན།།
ང་ནི་གངས་རིའི་འདབས་ཀྱི་རྫི་བོ་ཡིན།།
ལྷུན་ཆགས་གཡང་གི་རི་བོའི་ནང་ཤོད་ན།།
ཆར་དང་སྨུག་པ་བརྡོལ་བའི་རི་རྩེ་ན།།
བྱ་བརྒྱ་མཁའ་ལ་གཤར་བའི་རླུང་རྟ་འདིས།།
དཀར་ཕྱོགས་ལྷ་ཡི་ངོ་སོ་གླུ་རུ་ལེན།།
དཀར་ཕྱོགས་ལྷ་ཡི་ངོ་སོ་གླུ་རུ་ལེན།།
ང་ནི་གངས་རིའི་འདབས་ཀྱི་རྫི་བོ་ཡིན།།
སྐྱེས་ས་གསེར་གྱི་ཉི་མའི་དཀྱིལ་འཁོར་ན།།
རྒས་ས་དག་པའི་ཞིང་གི་མཐོ་སྒང་ན།།
སྨུག་པོ་གདོང་ལ་བཞད་པའི་བློ་སྤོབས་འདིས།།
གཞིས་ཡུལ་མཚེར་ས་དྲོན་མོ་གླུ་རུ་ལེན།།
གཞིས་ཡུལ་མཚེར་ས་དྲོན་མོ་གླུ་རུ་ལེན།།
ང་ནི་གངས་རིའི་འདབས་ཀྱི་རྫི་བོ་ཡིན།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |