作词 : 喜阳
作曲 : 玛龙冷智
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།
雪域星辉•切阳什姐
ཚིག་རྩོམ་མཁན། ཉི་མས་བཞད།
作词:【喜阳】
དབྱངས་རྩོམ་མཁན། རྨ་གླིང་ལྷུན་གྲུབ།
作曲:玛龙冷智
གཞས་པ། དགོན•དོན་གྲུབ་ཚེ་རིང་།
演唱:贡·东主才让
发行:念藏音乐发行公司
上传:念藏仁青
(歌词大意)
ཁྲི་གཤོག་རྒྱལ་མོའི་འགྲམ་ན་ཆགས་པའི་དཀར་ནག་ཕྱུགས་ཀྱི་རུ་སྡེ་ནས།།
风景如画牛羊成群青海湖旁牧区里
ལང་ཚོའི་གཉོམ་ལག་འབྲོག་ནས་རྒྱས་ཤིང་མཛད་པ་འཕྲིན་ལས་གླིང་ལ་བཞག།
茁壮成长锦瑟年华闻名天下遍四海
མི་རིགས་ཤིག་གི་ལོ་རྒྱུས་གསེབ་ལ་ཉམས་པ་མེད་པའི་རྒྱལ་མཚན་བསྒྲེངས།།
为民族历程编写辉煌篇章不朽之碑
གངས་རིའི་ལྗོངས་སུ་སྔར་མེད་མཛད་རྗེས་བུ་མོ་མཛངས་མ་ཁྱེད་ཀྱིས་བསྐྲུན།།
为雪域高原体育运动提升新高度
དཀའ་བ་དུ་མ་ཁྱད་དུ་བསད་ནས་འཛམ་གླིང་ཨོ་རྩལ་ལམ་ལ་ཞུགས།།
克服重重困难走上了世界奥运之路
ལོ་ཟླའི་རྔུལ་ཆུ་ས་ལ་གཏོར་ནས་ཡ་གླིང་འདུར་རྒྱུགས་ཟིན་ཐོ་བརྒལ།།
历经岁月考验终将打破亚洲最高纪录
གོམ་པའི་འདེགས་འཇོག་རེ་རེའི་ནང་དུ་ས་ཡ་དྲུག་གི་རེ་བ་འཁྱིལ།།
每一步伐惦记着藏族人民的希望之声
གསེར་དངུལ་རིན་ཆེན་རྟགས་མ་ཟུང་གིས་གངས་ཀྱི་དབུ་འཕང་མཐོ་རུ་བསྟད།།
世界之最金银奖牌高高举起雪山之高
སྙིངས་སྟོབས་ཆེན་པོ་རིགས་ཞེན་ཟབ་མོས་ཁ་བའི་ལྗོངས་ལ་མིག་དཔེ་བཞག།།
顽强奋斗赤胆忠心您是藏区的一代天骄
ཕུགས་འདུན་རླབས་པོ་མཛའ་བརྩེ་དཀར་པོས་བསིལ་ལྡན་ལྗོངས་ཀྱི་བ་དན་ཕྱར།།
志在千里洁白诚意您为家园增添新希望
སྨོན་མདུན་གཙང་མའི་ཁ་གཡང་རེ་རེས་མཐོ་སྒང་བུ་མོས་ཡིད་སེམས་སྒུལ།།
每一句祝福都深深打动草原姑娘的内心
ཁེངས་སྐྱུང་གཤིས་ཀྱི་ངང་ཚུལ་རེ་རེས་རྩྭ་ཐང་འབྲོག་མོའི་རང་ལུགས་བསྟན།།
不骄不躁谦虚谨慎展现可爱牧女的形象
གངས་རིའི་འདབས་ནས་ལམ་ལ་ཆས་ཤིང་གངས་ཀྱི་བདེ་སྡུག་སེམས་ལ་ཉར།།
从雪山脚下出发为雪山带来胜利的喜悦
སྟོད་ཕྱོགས་འབྲོག་ནས་གོམ་ཁ་བསྒྱུར་ཅིང་འབྲོག་མིའི་རང་གཤིས་རྒྱུད་ན་ཕྱུག།
从牧区离走却为故乡代言不忘最初梦想
རིགས་གཅིག་སྤུན་ཟླའི་འབོད་སྐུལ་ཁྲོད་དུ་ཁྱེད་ནི་རླུང་རྟ་དཀར་པོ་ཞིག།
我们的快乐欢呼声中您是最幸运的女儿
གཟི་བརྗིད་འབར་བའི་རྒྱལ་ཁའི་ཁྲོད་དུ་ཁྱེད་ནི་ཁ་བའི་མེ་ཏོག་ཅིག།
辉煌的胜利中我们为您感到喜悦和骄傲
དད་པ་བརྟན་པོ་སེམས་ལ་བཅིངས་ནས་ཕུགས་མདུན་གཙང་མ་ཡིད་ལ་སྒོམ།།
坚定信念胸怀坦荡为梦奋斗永不歇
ཡིད་ཆེས་ཟབ་མོ་སྙིང་ལ་བསྟིམས་ནས་བགྲོད་ལམ་གསར་བའི་སྒོ་གླེགས་ཕྱེས།།
心坚石穿大展宏图未来打开新道路
བྱིན་རླབས་ཆོས་ཀྱི་གྲུ་ཆར་བསིལ་མས་ཁྱེད་ལ་ཁ་འཛིན་གདོང་གྲོགས་གནང་།།
矢志不渝信仰之力为您支撑伴左右
འགྱུར་མེད་དཔལ་གྱི་སྣང་བ་དཀར་པོས་ཁྱེད་ལ་འོད་ཀྱི་ལམ་བུ་བསྒྲུན།།
永恒不变之光与您同行照亮您前程
བདེ་ལྕག་འཁྱུག་པོའི་གོམ་སྟབས་ནང་ན་ལྷག་བསམ་དཀར་པོའི་རྨི་ལམ་ཞིག།
轻快如飞的脚步藏着一个伟大的梦想
དབྱངས་གསལ་ངག་གི་སྐད་ཆའི་ཁྲོད་ན་མིག་རྒྱང་རིང་བོའི་འབོད་པ་ཞིག།
抑扬顿挫的母语表达中蕴含着一种情感
དྲང་བདེན་སེམས་ཀྱི་དབྱངས་རྟའི་ནང་ན་ལས་དབང་བརྗོད་པའི་སྙན་ངག་ཅིག།
见义勇为的正义精神中诉说着命运的诗
རྒྱུ་འབྲས་གསལ་བའི་ལོ་ཟླའི་ཁྲོད་ན་འཛམ་གླིང་ཞེས་པའི་གར་སྟེགས་ཤིག།
默默无声的岁月里淀积辉煌的胜利曙光
རྒྱ་མཚོའི་ནང་གི་བྱུ་རུ་དམར་ཆུང་གཡང་གི་ཁ་རྒྱན་ཁྱེད་རང་ཡིན།།
您如珊瑚您如珍珠你是雪域高原的明珠
སྐར་ཚོགས་ཁྲོད་ན་འོད་དཀར་ཟླ་བ་འབྲོག་མོའི་དྭངས་རྩེ་ཁྱེད་རང་ཡིན།།
您如月亮您如星星你是藏族姑娘的骄傲
ཨ་ཅག་ནང་ན་མཛངས་མ་ཆོས་དབྱིངས་མཐོ་སྒང་འདི་ཡི་རྒྱན་དུ་ཆེ།།
您是名不虚传的高原才子切阳什吉
ལས་ཀྱི་ལམ་ཁ་སྔར་ལས་ཡངས་ཤིང་མདུན་མའི་དར་སྐུད་རིང་བར་ཤོག།
愿您事事顺心幸福安康前程万里
ཁྲི་གཤོག་མཚོ་མོའི་རླབས་ཕྲེང་དཀར་པོས་མཛངས་མ་ཁྱེད་ལ་ཁ་བཏགས་འཐེན།།
美丽的青海湖波浪为您掀起洁白的哈达
ཁ་བའི་རྡུལ་བརྩེགས་གངས་ཀྱི་ལྷུན་པོས་སྲས་མོ་ཁྱེད་ལ་གདོང་གྲོགས་བྱེད།།
威武壮观阿尼玛卿因您展现雪白的美景
གངས་ཀྱི་བདུད་རྩི་རྨ་ཀླུང་སྒེག་མོས་བུ་མོ་ཁྱེད་ཀྱི་སྙན་པ་སྒྲོག།
甘露之水悠悠黄河激情唱响您的信望
ཡན་ལག་བརྒྱད་ལྡན་ཡར་ཀླུང་གཙང་བོས་དཔལ་མོ་ཁྱེད་ཀྱི་གྲགས་པ་མཐུད།།
源远流长雅鲁藏布江流传着您的名誉

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |