旦正本-一生如花歌曲免费下载

《旦正本-一生如花》歌曲详情

སྤུན་ཕན་ཚུན་བར་ར་ཁུ་དབོང་མ་བསམ།།

དུག་ཕྲག་དོག་མདའ་མོ་ནང་ལ་མ་འཕེན།

ཕྱི་སྐྱིད་སྡུག་རི་མོ་མགོ་ལ་བྲིས་ཚེ།།

ནང་ཕུ་ནུ་འབོར་མེད་ཟད་མེད་དྲན་ཡོང་།

ཤ་རུས་པའི་མཆེད་ཁུངས་གཅིག་ལ་སོམ་ར།།

ཁ་ནང་འཐོར་བྱས་ན་སྡུག་ཡིན།།

ཚེ་མི་རྟག་ཡུན་ཐུང་ཙམ་པོ།

ཁྲ་གྱི་ལེར་འཛོམས་ན་ལོས་ཡག

རིགས་རང་སྡེ་ནང་ལ་ངོ་སོ་མ་སྟོན།།

གཏམ་མྱི་ཁའི་འཕྱ་སྨོད་ནང་ལ་མ་བྱེད།།

དགྲ་བཙན་པོ་རྗེས་ནས་དེད་ལས་ཐོན་དུས།།

ནང་སྡེ་བ་ལྕགས་མཁར་སྒོ་མེད་དྲན་ཡོང་།།

རུས་གདོང་རྒྱུད་འཚོ་བ་གཅིག་ལ་སོམ་ར།།

ནང་སྡེ་བ་འགལ་ན་གྱོང་ཡིན།

ཚེ་མི་རྟག་ཡུན་ཐུང་ཙམ་པོ།།

ལུས་སྐྱིད་སྡུག་མཉམ་ན་ལོས་ཡག།

རང་མི་རིགས་རིགས་ལ་ཞེན་ཁ་མ་ལོག།

རང་སྐད་ཡིག་ཕྱོགས་ལ་མཁོ་ཆད་མ་གནང་།།

ཚེ་འཆི་བ་གཉའ་ལ་ཐོན་གི་ཉིན་མོ།།

སྐྱབས་བསླུ་མེད་མཆོག་གསུམ་ཞིང་ལ་རེ་དགོས།།

གསུང་དམ་པའི་མཆེད་ཁུངས་གཅིག་ལ་སོམ་ར།།

ཁྱོད་སྲོག་མེད་བེམ་པོ་སུ་ལ་མཁོ།།

ཚེ་མི་རྟག་སྐད་ཅིག་ཙམ་པོ།།

ཁྱོད་བོད་མྱི་ཡིན་ན་ལོས་ཡག།

下载地址:

此为隐藏内容,需人机验证后查看下载!