雪儿江村-后藏姑娘 雪儿江村歌曲免费下载

《雪儿江村-后藏姑娘 雪儿江村》歌曲详情

作词 : 雪儿江村

作曲 : 雪儿江村

编曲 : 雪儿江村

གཙང་གི་བུ་མོ།

ཚིག གངས་ཕྲུག་རྒྱལ་མཚན།།

གདངས། གངས་ཕྲུག་རྒྱལ་མཚན།།

རོལ་དབྱངས་སྒྲིག་བཟོ། གངས་ཕྲུག་རྒྱལ་མཚན།།

སྒྲ་འཇུག་ལས་མཇུག གངས་ཕྲུག་རྒྱལ་མཚན།།

གཞས་གཏོང་མཁན། གངས་ཕྲུག་རྒྱལ་མཚན།།

ཁྱེད་ཀྱི་ཐུགས་རྒྱུད་བཟང་པོ།།

གཡང་དཀར་མ་མོའི་བལ་རེད།།

ཁྱེད་ཀྱི་ངང་རྒྱུད་དེ་ཡང་།།

མྱང་ཆུ་གཙང་པོའི་རྒྱུན་རེད།།

ང་སེམས་ཉ་ཆུང་གསེར་མིག །

འཁོར་ས་དྭངས་གཙང་ཆུ་མོ།།

ཆུ་མོ་གང་འགྲོའི་ས་ལ།།

ཉ་མོ་འཁྲིད་རོགས་གནང་དང་།།

ཆུ་མོ་གང་འགྲོའི་ས་ལ།།

ཉ་མོ་འཁྲིད་རོགས་གནང་དང་།།

གཙང་གི་བུ་མོ་མཛེས་པ།།

གཙང་སྐད་རྣ་བར་སྙན་པ།།

ཕྱག་དང་ཞབས་ཕྱི་མཁས་པ།།

མཛེས་པའི་གཙང་གི་བུ་མོ།།

ཕྱག་དང་ཞབས་ཕྱི་མཁས་པ།།

མཛེས་པའི་གཙང་གི་བུ་མོ།།

གཞས་ཚིག་ལྷུ་བསྒྲིགས། གངས་ཕྲུག་རྒྱལ་མཚན།།

བལ་ལས་འཇམ་པའི་ཐུགས་རྒྱུད།

བུ་ངའི་སེམས་པ་ཤོར་ས།།

ཆུ་ལས་རིང་བའི་ངང་རྒྱུད།།

བུ་ངའི་བློ་གཏད་བཅོལ་ས།།

ཆུ་ལས་རིང་བའི་ངང་རྒྱུད།།

བུ་ངའི་བློ་གཏད་བཅོལ་ས།།

གཙང་གི་ལུང་པ་སྐྱིད་པོར།།

གཙང་མོ་ལྷ་ལས་མཚར་བ།།

ཁྱེད་དང་གཤིབ་རྒྱུ་བྱུང་ན།།

ང་སེམས་རེ་བ་འགྲུབ་སོང་།།

ཁྱེད་དང་གཤིབ་རྒྱུ་བྱུང་ན།།

ང་སེམས་རེ་བ་འགྲུབ་སོང་།།

སྙན་པའི་སྙིང་གཏམ་མེད་ཀྱང་།།

དྲང་པོའི་སེམས་པ་གཏད་ཡོད།།

སེམས་གཏམ་སེམས་ལ་བཤད་ནས།།

མི་ཚེའི་ལམ་ཆུང་འགྲིམ་ཆོག །

སེམས་གཏམ་སེམས་ལ་བཤད་ནས།།

མི་ཚེའི་ལམ་ཆུང་འགྲིམ་ཆོག །

下载地址:

此为隐藏内容,需人机验证后查看下载!