甲易仁丹-Kun Sel(贡色)歌曲免费下载

《甲易仁丹-Kun Sel(贡色)》歌曲详情

作词 : 甲易仁丹/Sonam Topden

作曲 : 甲易仁丹/Sonam Topden

编曲 : 甲易仁丹

词:Sonam topden

曲:Sonam topden

原创:Sonam topden

ཀུན་གསལ་དེ་རིང་ཁྱེད་ལ་ལབ་ཡ་ཞིག་ཡོད།

ང་གཉིས་ཐུག་པ་ནས་བཟུང་།

ཁྱེད་ལ་དགའ་ནས་བསྡད་ཡོད།

སྙིང་སྡུག་ང་ཡི་མཉམ་དུ་བྱུང་ན་བསམ།

ཉིན་མཚན་མེད་པ་ཁྱེད་རང་དྲན་ནས་བསྡད་ཡོད།

གལ་སྲིད། ཁྱེད་ཀྱི་ང་ལ་དགའ་གི་མེད་ན།

བུ་ཆུང་ང་ཡི་ཕྱོགས་ལ་གཟིགས་ནས།

དྲང་པོ་དྲང་ཤག་གསུངས་རོགས་གནང་།

ཀུན་གསལ་དེ་རིང་ཁྱེད་ལ་ལབ་ཡ་ཞིག་ཡོད།

ང་ནི་བུ་ཆུང་ངོ་ཚ་ཆོག་ཆོག་ཞིག་ཡིན།

ཡིན་ནའི་ངས་ཀྱི་ཁྱེད་ལ་རྟག་པར་ངོ་དེབ་ནང་བལྟས།

འཚམས་འཚམས་ཁྱེད་ངའི་རྨི་ལམ་ནང་དུ་ཡང་བསླེབས།

ཕལ་ཆེར། ཁྱེད་ཀྱི་ང་ལ་དགའ་གི་མིན་འགྲོ

དེ་ནི་ང་ཡི་འཕྲུལ་སྣང་མིན་འགྲོ

ཨ་ཙི། ང་ནི་དེ་འདྲའི་ཆོབ་ཚ་བ་ལ།

དེ་རིང་ཁྱེད་ཀྱི་སེམས་པའི་ནང་དུ་ཡོད་པའི་སྐད་ཆ་ཚང་མ་ང་ལ་བཤད་རོགས།

གལ་སྲིད་ལབ་མ་ཐུབ་ན་ཁྱེད་ཀྱི་སྐད་ཆ་ཚང་མ་ཡིག་ཐོགས་ལ་བཀོད་རོགས།

མ་འོངས་པའི་ང་ཡི་ཚེ་གྲོགས་ཁྱེད་རང་བྱུང་ན་བསམ།

དེ་རིང་ཁྱེད་ཀྱི་སེམས་པའི་ནང་དུ་ཡོད་པའི་སྐད་ཆ་ཚང་མ་ང་ལ་བཤད་རོགས།

གལ་སྲིད་ལབ་མ་ཐུབ་ན་ཁྱེད་ཀྱི་སྐད་ཆ་ཚང་མ་ཡིག་ཐོགས་ལ་བཀོད་རོགས།

མ་འོངས་པའི་ང་ཡི་ཚེ་གྲོགས་ཁྱེད་རང་བྱུང་ན་བསམ།

下载地址:

此为隐藏内容,需人机验证后查看下载!