作词 : 多智合
作曲 : 才让巴桑
编曲 : 青海央金玛
制作人 : 多智合
དྲན་གླུ།
ཚིག རྡོ་གྲགས།
དབྱངས། ཚེ་རིང་པ་སངས།
གླུ་མ། འོ་ཕྱུག་སྐྱིད།
རི་དེ་རྡུལ་བརྩེགས་ལྷུན་པོ།
གནམ་འདེགས་ཀ་བ་མིན་རུང་།
མདུན་ནས་མཐོན་པོར་འགྱིང་བས།
ང་ཡི་མཐོང་ལམ་སྒྲིབ་སོང་།
ཆུ་དེ་གཙང་ཆབ་སྔོན་མོ།
ཨ་སྔོན་དགུ་ཚིགས་མིན་རུང་།
མདུན་ནས་འཕྲེད་དུ་བཞུར་བས།
ང་ཡི་འགྲོ་ལམ་བཅད་སོང་།
མདུན་ནས་འཕྲེད་དུ་བཞུར་བས།
ང་ཡི་འགྲོ་ལམ་བཅད་སོང་།
ནམ་མཁའའི་སྤྲིན་པ་དཀར་པོ།
དཀར་འཇམ་ཤོག་བུ་བྱས་ཏེ།
ང་ཡི་སྙིང་གཏམ་རིང་མོ།
བྲིས་ཏེ་ཁྱེད་ལ་བསྐུར་ཡོད།
དཔྱིད་ཀའི་དྲོད་འཇམ་རླུང་བུ།
བསིལ་བུར་སྤང་ལ་གཡུག་དུས།
ཁྱེད་ཀྱིས་རྣ་བ་གཏོད་དང་།
ང་ཡི་སྙིང་གཏམ་འདུས་ཡོད།
ཁྱེད་ཀྱིས་རྣ་བ་གཏོད་དང་།
ང་ཡི་སྙིང་གཏམ་འདུས་ཡོད།
བཅོ་ལྔའི་དུང་ཟླ་དཀར་པོ།
བདག་གི་མེ་ལོང་ཡིན་པས།
ཁྱེད་ཀྱིས་གསལ་བོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོང་།
ཁྱེད་ཀྱིས་གསལ་བོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོང་།
ཁྱེད་ཀྱིས་གསལ་བོར་གཟིགས་དང་།
ཁྱེད་ཀྱིས་གསལ་བོར་གཟིགས་དང་།
ང་ཡི་གཟུགས་བརྙན་ཤར་ཡོང་།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |