竖锯乐队-命运的齿轮歌曲免费下载

《竖锯乐队-命运的齿轮》歌曲详情

作曲 : 昂青冷智

编曲 : 昂青冷智

ལས་དབང་གི་འཁོར་ལོ།

ཚིག ཁྱུང་བཟང་།

དབྱངས།དབང་ཆེན་ལྷུན་གྲུབ

ལེན་མཁན།གཟེ་མ་ར་མགོ་རོལ་ཚོགས།།

ལང་ཚོའི་གད་བརྒྱངས་དང་པོ།།

རོལ་མོའི་ནགས་ནས་བསྒྲགས་ཡོད།།

ནགས་མའི་ས་རོང་རྩུབ་པས།།

གད་བརྒྱངས་རེ་ཞིག་འཇགས་སོང་།།

རེ་བའི་གྲ་ཁ་ནོགས་སོང་།།

འདུར་བའི་གོམ་ཁ་ལྷོད་སོང་།།

ངའི་སེམས་པ་འཁྲུག་ས་འདི་ཡིན།།

རི་སྤྱང་གི་ཉམས་དམས་འདི་རེད།།

༼སྙན་ངག༽

ཁྱི་དང་སྨྱོན་པའི་ཆར་འབེབ་ཅིང་།།

ཀློའུ་དང་རྟོའུ་ཡི་ཁངས་བསྙིལ་བའི།།

མ་བརྟག་དཔྱད་པའི་ཚིག་མཚོན་ཡང་།།

ས་ཡི་རྡུལ་དང་མཉམ་དུ་འཕྱུར།།

ཕྱོགས་རིས་སྐྱོར་མ་འཇག་མས་བྱེད།།

རང་བསྟོད་རྫ་རྔ་ཤེད་ཀྱིས་རྡུང་།།

རློམ་སེམས་ཆུ་ནག་གདུ་བའི་གར།

ཀྱེ་མ་དྲ་བའི་ཀློང་ན་སྒྱུར།།

རེ་བའི་མགོ་བོ་མཐོན་པོ།།

སླར་ཡང་འདི་ན་དགྱེས་ཡོད།

ལམ་བུ་ཀྱག་ཀྱོག་ཆེ་ཡང་།།

མཐུན་པའི་དཔུང་རྡང་མི་ལྷོད།།

རྟོགས་སད་མི་ཡི་རྒྱན་ཡིན།།

ཧུར་བརྩོན་རྒྱལ་ཁའི་གྲོགས་ཡིན།།

ངའི་ཕུགས་ཀྱི་འདོད་པ་འདི་ཡིན།།

རི་སྤྱང་གི་དཔའ་ཉམས་འདི་རེད།།

solo~

རེ་བའི་མགོ་བོ་མཐོན་པོ།།

སླར་ཡང་འདི་ན་དགྱེས་ཡོད།

ལམ་བུ་ཀྱག་ཀྱོག་ཆེ་ཡང་།།

མཐུན་པའི་དཔུང་རྡང་མི་ལྷོད།།

རྟོགས་སད་མི་ཡི་རྒྱན་ཡིན།།

ཧུར་བརྩོན་རྒྱལ་ཁའི་གྲོགས་ཡིན།།

ངའི་ཕུགས་ཀྱི་འདོད་པ་འདི་ཡིན།།

རི་སྤྱང་གི་དཔའ་ཉམས་འདི་རེད།།

下载地址:

此为隐藏内容,需人机验证后查看下载!