旦增论珠/扎次-欢乐舞曲歌曲免费下载

《旦增论珠/扎次-欢乐舞曲》歌曲详情

作词 : 民间

作曲 : 民间

编曲 : 旦增论珠

སྐྱིད་པའི་ བྲོ་རྭ།

欢乐舞曲

ཚིག་དབྱངས།དམངས་གཞས།

词曲·民间

རོལ་དབྱངས།བསྟན་འཛིན་ལྷུན་་གྲུབ།

编曲·旦增论珠

གླུ་པ།བསྟན་འཛིན་ལྷུན་གྲུབ་དང་བཀྲ་ཚེ།

演唱·旦增论珠&扎次

扎次

གངས་སྟོད་མཐོན་པོ་རང་བཟང་གི་ཕ་ཡུལ་ཡིན་ན་དགའ་དགའ།

སེམས་ཆུང་དཀར་མོ་རང་ཚང་གི་སྒོ་ཟོག་ཡིན་ན་སྐྱིད་སྐྱིད།

ཕར་ལ་འགྲོ་དུས་འགྲོ་ཆེན་རྟ་ཕོ་ཡིན་ན་དགའ་དགའ།

ཚུར་ལ་ཡོང་དུས་ཇ་ཆང་གི་བསུ་མ་ཡིན་ན་སྐྱིད་སྐྱིད།

旦增论珠

རྫ་སྟོད་མཐོན་པོ་རང་བཟང་གི་ཕ་ཡུལ་ཡིན་ན་དགའ་དགའ།

གྲོང་ཆུང་དྲི་གསེར་རང་ཚང་གི་སྒོ་ཟོག་ཡིན་ན་སྐྱིད་སྐྱིད།

ཕར་ལ་འགྲོ་དུས་འགྲོ་ཆེན་རྟ་ཕོ་ཡིན་ན་དགའ་དགའ།

ཚུར་ལ་ཡོང་དུས་ཇ་ཆང་གི་བསུ་མ་ཡིན་ན་སྐྱིད་སྐྱིད།

合唱

སྤང་སྟོད་མཐོན་པོ་རང་བཟང་གི་ཕ་ཡུལ་ཡིན་ན་དགའ་དགའ།

ཤ་བ་རབ་བཅུ་རང་ཚང་གི་སྒོ་ཟོག་ཡིན་ན་སྐྱིད་སྐྱིད།

ཕར་ལ་འགྲོ་དུས་འགྲོ་ཆེན་རྟ་ཕོ་ཡིན་ན་དགའ་དགའ།

ཚུར་ལ་ཡོང་དུས་ཇ་ཆང་གི་བསུ་མ་ཡིན་ན་སྐྱིད་སྐྱིད།

扎次

ཡར་འགྲོ་ཡར་འགྲོ་གསེར་གྱི་རི་ལ་ཡར་འགྲོ།

གསེར་གྱི་རི་ལ་བླ་མ་བཟང་པོ་བཞུགས་ཡོད།

བླ་མ་བཟང་པོའི་ཆོས་ར་རྒྱ་ཆེར་བཙུགས་ཡོད།

ཆོས་རྭ་རྒྱ་ཆེར་ཡར་ལ་བསྟན་པ་དར་སོང་།

ཡར་འགྲོ་ཡར་འགྲོ་དངུལ་གྱི་རི་ལ་ཡར་འགྲོ།

དངུལ་གྱི་རི་ལ་དཔོན་པོ་བཟང་པོ་བཞུགས་ཡོད།

དཔོན་པོ་བཟང་པའི་ཁྲིམས་ར་རྒྱ་ཆེན་བཙུགས་ཡོད།

ཁྲིམས་རྭ་རྒྱ་ཆེན་ཡར་ལ་བསྟན་པ་དར་སོང་།

旦增论珠

ཨ་རོགས་ཁམས་པའི་ས་དེ་ས་ཐག་རྒྱང་།

འདོ་རིགས་རྟ་ཕོ་མེད་ན་ལོག་ནས་འགྲོ།

ཨ་རོགས་ཁམས་པའི་ས་དེ་གྲང་ངར་ཆེ།

མགོ་ལ་ཝ་མར་མེད་ན་ལོག་ནས་འགྲོ།

ཨ་རོག་ཁམས་པའི་ས་དེ་དགྲ་རྒྱ་ཆེ།

རྒྱབ་ལ་མེ་མདའ་མེད་ན་ལོག་ནས་འགྲོ།

下载地址:

此为隐藏内容,需人机验证后查看下载!