作词 : 琼布巴加
作曲 : 巴金旺甲
编曲 : 郑聪慧
ཁྱུང་པོ། ངོ་མཚར་ཆེའོ།
ཚིག ཁྱུང་པོ་དཔལ་རྒྱལ།
དབྱངས།དཔལ་ཆེན་དབང་རྒྱལ
ལེན་མཁན།དཔལ་ཆེན་དབང་རྒྱལ་
ཁྱུང་པོ། ངོ་མཚར་ཆེའོ།
ཤར་རྒྱ་སྟག་ཁྲ་བོ་མཆོངས་འདྲ་དེ༎
བོད་སྤེན་ནེ་རི་བཀྲའི་རི་བརྒྱུད་རེད༎
ཁྱུང་རིག་གནས་བསྟན་པ་དར་བའི་རྟགས།
ཁྱུང་པོ། ངོ་མཚར་ཆེའོ།
ལྷོ་གཡུ་འབྲུག་སྔོན་མོ་འཁྱུག་འདྲ་དེ༎
ཆུ་ཆེན་པོ་རྒྱལ་མོ་རྔུལ་ཆུ་རེད༎
ཡུལ་རི་ཆུའི་རིག་གནས་ཕྱུག་པའི་རྟགས།།
ཁྱུང་པོ། ངོ་མཚར་ཆེའོ།
ནུབ་བྱ་ཁྱུང་དམར་མོ་ལྡིང་འདྲ་དེ༎
རྨ་ལ་བཞི་ལ་ཐོག་ལ་བཞག་རེད༎
གནས་ངོ་མཚར་མང་པོས་བརྒྱན་པའི་རྟགས།
ཁྱུང་པོ། ངོ་མཚར་ཆེའོ།
བྱང་རུས་སྦལ་རྒྱ་བོ་འགྱིང་འདྲ་དེ༎
རི་མཐོན་པོ་སྤུ་རྒྱལ་གངས་རི་རེད༎
གནས་ཁྲ་མོ་མང་པོས་བསྐོར་བའི་རྟགས༎
ཁྱུང་པོ། ངོ་མཚར་ཆེའོ།
དབུས་ནོར་བུ་གཡས་གཡོན་འཁྱིལ་འདྲ་དེ།།
གནས་སྤུ་ཐོག་མཚོ་ཆེན་མཚོ་ཆུང་རེད༎
ཤེས་དཔལ་ཡོན་མཚོ་བཞིན་རྒྱས་པའི་རྟགས༎
ཁྱུང་པོ། ངོ་མཚར་ཆེའོ།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |