编曲 : 曲培文化·捧红计划
ཨ་རོགས་ཁམས་པ།
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
རྡུང་ལེན་མཁན། རྟ་མགྲིན་སྐྱིད།
ཡར་འབྲོག་གཡུ་མཚོའི་ཁ་ནས། །
ངང་བས་ངང་ཕྲུག་ཁྲིད་སོང་། །
ངང་ཕྲུག་ཨ་མར་མ་འབོད། །
ང་རང་ཨ་མ་དྲན་སོང་། །
ངང་ཕྲུག་ཨ་མར་མ་འབོད། །
ང་རང་ཨ་མ་དྲན་སོང་། །
གསེར་གྱི་མདུན་ཅོག་སྟེང་ན། །
སྨྲ་མཁན་ཨ་བུ་ནེ་ཙོ། །
རྒྱ་སྐད་སོག་སྐད་མ་བཤད། །
ང་རང་ཕ་ཡུལ་དྲན་སོང་། །
རྒྱ་སྐད་སོག་སྐད་མ་བཤད། །
ང་རང་ཕ་ཡུལ་དྲན་སོང་། །
གཞས་ར་བྲོ་ར་བདེ་མོ། །
བདེ་ལས་བསོ་སྒྲ་བསོ་ཡོད། །
བདེ་ལས་བསོ་སྒྲ་བསོ་ཡོད། །
ཨེ་མ་དབྱངས་གཅིག་བསོ། །
བདེ་ལས་བསོ་སྒྲ་བསོ་ཡོད། །
ཨེ་མ་དབྱངས་གཅིག་བསོ། །
བདེ་ལས་བསོ་སྒྲ་བསོ་ཡོད། །
ཨེ་མ་དབྱངས་གཅིག་བསོ། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |