德格达拥-康巴德格歌曲免费下载

《德格达拥-康巴德格》歌曲详情

作词 : 扎西曲普

作曲 : 丁增达瓦

གནམ་ཨ་སྔོན་དཀྱིལ་འཁོར་འོག་ན།

ཡུལ་སྐྱིད་པོ་ལྷ་ཡུལ་འདྲ་ས།

ངའི་ཕ་ཡུལ་ཁམས་པ་སྡེ་དགེ

ཟས་འབྲུ་རིགས་སྣ་ལྔ་འཛོམས་ས།

ཧོ། ཡུལ་སྐྱིད་པོ་ཁམས་པ་སྡེ་དགེ

སྐྱིད་འཚོ་བ་དཔལ་གྱི་ཕྱུག་ས།

སྡེ་སྐྱིད་པོ་ཁམས་པ་སྡེ་དགེ

བུ་མོ་ང་ཡི་ཕ་ཡུལ་ཡིན།

གནམ་ཨ་སྔོན་དཀྱིལ་འཁོར་འོག་ན།

རྟ་འདོ་བ་སེང་གེ་འདྲ་ས།

ངའི་ཕ་ཡུལ་ཁམས་པ་སྡེ་དགེ

སྟར་ཤར་ནུ་གཡུ་འབྲུག་འདྲ་ས།

ཨོ། ཡུལ་སྐྱིད་པོ་ཁམས་པ་སྡེ་དགེ

སྨན་བུ་མོ་རྨ་བྱ་འདྲ་ས།

སྡེ་སྐྱིད་པོ་ཁམས་པ་སྡེ་དགེ

བུ་མོ་ང་ཡི་ཕ་ཡུལ་ཡིན།

གནམ་ཨ་སྔོན་དཀྱིལ་འཁོར་འོག་ན།

སྐྱེས་ཕོ་མོ་གཤིས་ཀ་ཡག་ས།

ངའི་ཕ་ཡུལ་ཁམས་པ་སྡེ་དགེ

རྩྭ་རྩི་ཤིང་མེ་ཏོག་བརྒྱས་ས།

ཧོ། ཡུལ་སྐྱིད་པོ་ཁམས་པ་སྡེ་དགེ

རྟ་ནོར་ལུག་འཕེལ་ཁ་དར་ས།

སྡེ་སྐྱིད་པོ་ཁམས་པ་སྡེ་དགེ

བུ་མོ་ང་ཡི་ཕ་ཡུལ་ཡིན།

下载地址:

此为隐藏内容,需人机验证后查看下载!