索朗泽让-达娃央宗歌曲免费下载

《索朗泽让-达娃央宗》歌曲详情

作词 : 玛曲尼曾巴

作曲 : 科才华旦

编曲 : 科才·才让扎西

ལོ་ཟླ་ཡུན་གྱིས་འདས་པའི་ཞེ་འདང་རིང་མོ།

ན་ཚོད་གཞོན་པའི་དུས་ཀྱི་མཛའ་བརྩེ་ཡིན་སོང་།

སེམས་སོང་སྙིང་གི་བུ་མོ་ཟླ་བ་གཡང་འཛོམས།

དུང་ཞེན་ལུག་ཆུང་འཚོ་བའི་འབྲོག་རུའི་བུ་མོ།

ཨོ་ཡེ་ཡེ། ཆུང་འདྲིས་རོགས། ཡ། སྙིང་གི་མི།

ཡིད་འཛིན་དྲན་པའི་ངོས་ན་ཁྱོད་རང་བརྗེད་མེད།

སྲོད་ཁའི་བསིལ་རླུང་ལྡང་བའི་ཕྱི་དྲོ་དེ་ལ། ཡེ།

ཉི་མ་ནུབ་རིར་ཡིབས་པའི་སྡེ་མཐའ་ཤིག་ན། ཡེ།

ནམ་འཕྲད་རེ་སྒུག་ཀློང་གི་ཟླ་བ་གཡང་འཛོམས།

གཙང་ཆུ་ལྷོད་ཀྱིས་བཞུར་བའི་འགྲམ་ནས་མཇལ་བྱུང་།

ཨོ་ཡེ་ཡེ། ཆུང་འདྲིས་རོགས། ཡ། སྙིང་གི་མི།

བརྩེ་འདང་འདབ་མའི་ཁུགས་ན་ཁྱོད་རང་ལུས་མེད།

དར་རྒུད་རེས་སུ་འཁོར་བའི་སྡེ་ལུང་ཞིག་ནས། ཡེ།

ནང་སེམས་སྨྲེང་ནས་ཐག་རིང་ཡུལ་ལ་ལྟ་དུས། ཡེ།

ལས་འཕྲོའི་དམ་ཚིག་སྲུང་བའི་ཟླ་བ་གཡང་འཛོམས།

སྨུག་པ་ལང་ལོང་ཁྲོད་ཀྱི་མཛའ་གཞས་སྙན་མོ།

ཨོ་ཡེ་ཡེ། ཆུང་འདྲིས་རོགས། ཡ། སྙིང་གི་མི།

མཛའ་གཅུགས་རོལ་མོའི་དབྱངས་ན་ཁྱོད་རང་བོར་མེད།

ཨོ་ཡེ་ཡེ། ཆུང་འདྲིས་རོགས། ཡ། སྙིང་གི་མི།

མཛའ་གཅུགས་རོལ་མོའི་དབྱངས་ན་ཁྱོད་རང་བོར་མེད།

下载地址:

此为隐藏内容,需人机验证后查看下载!