供波郎甲-相聚歌曲免费下载

《供波郎甲-相聚》歌曲详情

གངས་རིའི་འདབས་ནས་ཆས་ཡོང་། །

གངས་རིའི་འདབས་ལ་ལོག་བྱུང་། །

དམར་སྨུག་གི་ངོ་གདོང་རེ་རེ། །

ངའི་ཡིད་ཀྱི་མཆོད་མེ་རེ་རེ། །

ངལ་དུབ་ཀྱི་ཉིན་དང་མཚན་ལ། །

ངའི་ཡིད་ཀྱི་འོད་སྣང་ཁྱོད་ཡིན། །

ང་ཁྱོད་ཀྱི་ཁྲ་ཆུང་མིག་ལམ་ན་ཡོད། །

ཁྱོད་ང་ཡི་ཡ་ཆུང་སེམས་ཁོང་ན་ཡོད། །

ཨ་་་་་་ཆོལ་ཁ་གསུམ་གྱི་སྤུན་ཟླ། །

ཨ་་་་་་དེ་རིང་ལས་ཀྱི་འཛོམས་སོང་། །

ལན་གཅིག་འཛོམས་པའི་ཉིན་མོ། །

ཉིན་མོ་འདི་སེམས་ལ་ཞོག་དང་། །

གངས་རིའི་འདབས་ནས་ཆས་ཡོང་། །

གངས་རིའི་འདབས་ལ་ལོག་བྱུང་། །

ཟོལ་མེད་ཀྱི་འཛུམ་ཆུང་རེ་རེ། །

ངའི་ཡིད་ཀྱི་དྲན་ཤིང་རེ་རེ། །

དགའ་དུས་དང་སྡུག་དུས་གཉིས་ལ། །

ངའི་ཡིད་ཀྱི་བརྟེན་ས་ཁྱོད་ཡིན། །

ང་ཁྱོད་ཀྱི་ཁྲ་ཆུང་མིག་ལམ་ན་ཡོད། །

ཁྱོད་ང་ཡི་ཡ་ཆུང་སེམས་ཁོང་ན་ཡོད། །

ཨ་་་་་ཆོལ་ཁ་གསུམ་གྱི་སྤུན་ཟླ། །

ཨ་་་་་ལས་ཀྱིས་འཛོམས་པས་དགའ་སོང་། །

འབྲལ་དགོས་འབྲལ་དགོས་མ་གསུངས། །

ང་རང་ཚོ་སླར་ཡང་འཇལ་ཡོང་། །

下载地址:

此为隐藏内容,需人机验证后查看下载!