米玛扎西-冈仁波齐歌曲免费下载

《米玛扎西-冈仁波齐》歌曲详情

作曲 : 米玛扎西

གངས་རིན་པོ་ཆེ།

གཞས་ཚིག། ཏི་སེའི་གངས་སྨྱུག།

གཞས་དབྱངས། མིག་དམར་བཀྲ་ཤིས།

གཞས་པ་ མིག་དམར་བཀྲ་ཤིས།

ལྷོ་འཕགས་ཡུལ་བྱང་གི་རི་རྒྱུད་ན།།

གངས་མཐོ་བ་དབུ་རྩེ་གནམ་ལ་ཟུག།

གནམ་སྔོན་པོ་འདེགས་པའི་ཀ་བ་དེ།།

ཡུལ་སྟོད་ཀྱི་གངས་རི་དཀར་པོ་རེད།།

གངས་དེ་ན་སུ་བཞུགས་སུ་མི་བཞུགས།།

གངས་དེ་ན་སྦས་པའི་རྣལ་འབྱོར་བཞུགས།།

སེམས་ཆོས་སྐུའི་རྒྱལ་ས་དེ་ནས་ཟིན།།

སྐུ་བྱིན་རླབས་འབྲུ་མ་ལྟེམ་མེར་ཡོད།།

བྱིན་རླབས་ཀྱི་འབྲུ་མ་ལྟེམ་མེར་ཡོད།།

མཛེས་སྡུག་གི་གངས་རི་བཀྲ་རེ་ཤིས།

གནམ་འཁོར་རྩེ་བརྒྱད་མར་ཞབས་ན།།

ས་པད་མ་འདབ་བརྒྱད་ཡང་སྟེང་ན།།

གངས་མཐོ་བ་རང་འབྱུང་ལྷུན་འགྲུབ་ཅན།།

ས་སྟོད་ཀྱི་རྒྱ་གར་གངས་རི་རེད།།

གངས་དེ་ལ་མེས་པོའི་ཞབས་རྗེས་ཡོད།

གངས་དེ་ལ་སྲིད་པའི་གཏམ་རྒྱུད་ཡོད།།

དཔའ་དགྲ་ལྷའི་རུ་ཚོགས་དེ་ལ་འཁོར།།

བོད་བསོད་ནམས་ཅན་གྱི་བླ་རི་རེད།།

ལོ་རྒྱུས་རྒྱབ་ལྗོངས་མུ་མཐའ་མེད།།

མཚར་བརྗེད་ཀྱི་གངས་རི་གཡང་རེ་ཆགས།

下载地址:

此为隐藏内容,需人机验证后查看下载!