作词 : 巴沃仁波切
作曲 : 加贝
གངས་དཀར་གྱི་སེང་གེ་ཞིག
རྔམ་བརྗིད་དང་མཆེ་སྡེར་རྒྱས།
སུ་ལའང་མི་འཇིགས་པར།
སྤོབས་སེམས་ཀྱི་གཡུ་རལ་རྒྱས།
བསིལ་ལྗོངས་ཀྱི་གཞོན་ནུ་ཞིག
བློ་གྲོས་ཀྱི་གཤོག་ཟུང་བརྐྱངས།
འཛམ་གླིང་གི་མཁའ་ལ་འཕུར།
མི་བུ་འདི་ཀརྨ་པ།
རྩལ་ལྡན་གྱི་སྟག་མོ་ཞིག
འཛུམ་དྲུག་གི་རི་མོ་མཛེས།
དཔའ་རྩལ་དང་ངར་ཁ་བཙན།
ཞུམ་མེད་ཀྱི་སྙིང་སྟོབས་རྒྱས།
བསིལ་ལྗོངས་ཀྱི་གཞོན་ནུ་ཞིག
བློ་གྲོས་ཀྱི་གཤོག་ཟུང་བརྐྱངས།
འཛམ་གླིང་གི་མཁའ་ལ་འཕུར།
མི་བུ་འདི་ཀརྨ་པ།
བསིལ་ལྗོངས་ཀྱི་གཞོན་ནུ་ཞིག
བློ་གྲོས་ཀྱི་གཤོག་ཟུང་བརྐྱངས།
འཛམ་གླིང་གི་མཁའ་ལ་འཕུར།
མི་བུ་འདི་ཀརྨ་པ།
འཛམ་གླིང་གི་མཁའ་ལ་འཕུར།
མི་བུ་འདི་ཀརྨ་པ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |