阿呐周呗-心中的姑娘歌曲免费下载

《阿呐周呗-心中的姑娘》歌曲详情

作词 : 多杰顿珠

作曲 : 多杰顿珠

编曲 : 多杰顿珠

སེམས་ཀྱི་བུ་མོ།

心中的姑娘

ཚིག ཐོག་རྒོད།

词 托果

དབྱངས། རྡོ་རྗེ་དོན་གྲུབ།

曲 多杰顿珠

ལེན་མཁན། རྡོ་རྗེ་དོན་གྲུབ།

演唱 多杰顿珠

རོལ་མོ་སྒྲིག་བཟོ། རྡོ་རྗེ་དོན་གྲུབ།

编曲 多杰顿珠

གཅིག་སེམས་གཅིག་ལ་མཐུན་པའི་ཉིན་ནས།།

ཚེ་གཅིག་ལས་གཅིག་འགྲོགས་ན་བསམ་ཡོད།།

བདག་གི་སེམས་ཀྱི་ཡིད་འཕྲོག་ལྷ་མོ།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཡོད།།

སྒེག་ལྡན་བུ་མོའི་གཤིས་ཀ་གཉོམ་པོ།།

བུ་ངའི་སེམས་ཀྱི་དྲན་ཤིང་ཡིན་ནོ།།

དྲན་པའི་ལོ་ཟླ་རིང་མོ་འགོར་ཡང་།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཡོད།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཡོད།།

ཡིད་སེམས་འཕྲོག་པའི་བུ་མོའི་ཞལ་རས།།

ནམ་ཞིག་བདག་ལ་ཨེ་འཁོར་བསམ་ཡོད།།

འཁོར་བའི་ལོ་ཟླ་རིང་མོ་འགོར་ན།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཡོད།།

མགོ་ནག་མི་ཡེས་མི་ཁ་ཞིག་གིས།།

འུ་གཉིས་བརྩེ་བ་གོས་་ཤོར་སོང་།།

ཡང་བསྐྱར་ལྷན་འཛོམས་སྐལ་བ་ལྡན་ན།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཆོག།།

ནམ་ཡང་མི་འགྱུར་དམ་བཅའ་བཞག་ཆོག།།

下载地址:

此为隐藏内容,需人机验证后查看下载!