作曲 : 才本加
编曲 : 才本加
འཚོ་བའི་ནང་སྙིང་།
良缘
一首特为弟弟婚礼上写的歌《良缘》
愿小两口永浴爱河,白头偕老
ཚིག འབའ་ཁུ་ལོ།
词:巴克罗
དབྱངས། ཚེ་འབུམ་རྒྱལ།
作曲:才本加
གཞས་པ། ཚེ་འབུམ་རྒྱལ།
原创:才本加
རོལ་མོ། ནག་བཟའ་འཇམ་དབྱངས།
编曲:加杨多杰
སྒྲ་ཞིབ་སྦྱོར། ས་ཆེན་འཇིགས་མེད།
后期:萨琴久美
རེ་སྒུག་གི་དབྱར་ཁ་ཚེས་བྱུང་།
མཛེས་སྡུག་གི་འཇའ་ཚོན་ལག་ཏུ་བླངས་ནས།
ཁྱོད་ལ་སྐྱེས་སུ་ཕུལ་ཡོད།
ད་ནས་བཟུང་། ཡིད་འོང་གི་ཁྱོད་དང་འུ་གཉིས།
གཤོག་པ་མཉམ་དུ་བརྐྱངས་པའི་བྱེའུ་ཆུང་གཉིས་ནས།
ཚང་མལ་དྲོད་ཀྱིས་སྲུང་བའི་སེམས་པ་གཉིས་ཡིན།
གཞིས་ཁྱིམ་ལ་ཉི་མ་ཤར་བྱུང་།
བདེ་སྐྱིད་ཀྱི་སྒོ་མོ་ནང་དུ་ཕྱེས་ནས།
ཁྱོད་ལ་བསུ་ཆང་བཏེགས་ཡོད།
ད་ནས་བཟུང་། ཡིད་འོང་གི་ཁྱོད་དང་འུ་གཉིས།
རེ་ལྟོས་མཉམ་དུ་བྱེད་པའི་མིག་ཟུང་གཉིས་ནས།
འཚོ་བའི་ནང་སྙིང་འཛིན་པའི་སེམས་པ་གཉིས་ཡིན།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |