作词 : 麦~旦正才让
རྨེ་ཡུལ་ཕྱུག་མོ།
富饶故乡
གཞས་ཚིག རྨེ་རྟ་མགྲིན་ཚེ་རིང་།
作词:麦~旦正才让
གཞས་གདངས། པདྨ་བཀྲིས།
作曲:白玛扎西
གཞས་པ། རྨེ་རྟ་མགྲིན་ཚེ་རིང་།
演唱:麦~旦正才让
སྟོད་ཡུལ་ན་རི་ཞིག་རིག་ནོ་འདི། །
那座耸立的高山,
རི་བཙན་པོ་རྨེ་རྒྱལ་ལྷ་ཕྱུག་རེད། །
是乃麦嘉拉秀山,
སྟག་ཤ་ར་སྟོང་གི་བསྟོད་ནི་རེད། །
少年英雄颂赞歌,
བུ་བསོད་ནམས་ཅན་པོའི་སྐྱེས་ལྷ་ཡིན། །
有福男儿之生神,
སྭོ་བསྐལ་བ་བཟང་སོང་།
幸福时光,
རྟེན་འབྲེལ་འགྲིགས་སོང་།
吉祥如意。
བསང་རླུང་རྟའི་ངོ་སོ་ཡར་ལ་བསྟོད། །
煨桑赞扬萨隆达,
བུ་དགྲ་བླ་ཅན་པོའི་སྐྱེས་ལྷ་རེད། །
供奉男儿之生神。
བར་གན་ན་དགོན་ཞིག་རིག་ནོ་འདི། །
那座宏伟的寺院,
དགོན་ཆེན་པོ་བྱམས་ཆེན་ཆོས་གླིང་རེད། །
是乃大慈心曲林,
ལྷ་ཨོ་རྒྱན་པདྨའི་ཐུགས་ཀྱིས་སྲས། །
莲师得意之门徒,
རྗེ་འཇམ་དབྱངས་བླ་མའི་གདན་ས་ཡིན། །
嘉洋活佛之古寺。
སྭོ་བསྐལ་བ་བཟང་སོང་།
幸福时光,
རྟེན་འབྲེལ་འགྲིགས་སོང་།
吉祥如意。
རྗེ་འཇམ་དབྱངས་བླ་མའི་གདན་ས་རེད། །
嘉洋活佛之古寺,
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
手持哈达去朝拜。
སྨད་མེས་ན་སྡེ་ཞིག་རིག་ནོ་འདི། །
那座小小的村落,
སྡེ་ཆེན་པོ་རྨེ་ཡུལ་ཕྱུག་མོ་རེད། །
是乃富饶之故乡,
འབྲོག་སྦྲ་ནག་སྟོང་གི་ཕ་ས་རེད། །
牧人游荡在草原,
ཕ་མེས་པོའི་ཞབས་རྗེས་འཇོག་ས་རེད། །
父辈足迹遍天下。
སྭོ་བསྐལ་བ་བཟང་སོང་།
幸福时光,
རྟེན་འབྲེལ་འགྲིགས་སོང་།
吉祥如意。
བུ་ང་ཡི་ཕ་ས་ཕ་ཡུལ་རེད། །
我乃富饶之故乡,
ཡུལ་འདི་ཡི་ངོ་སོ་གླུ་ཡི་བསྟོད། །
歌声赞美此圣地。

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |