兰卡措/佐庆丹真-吉祥歌曲免费下载

《兰卡措/佐庆丹真-吉祥》歌曲详情

作词 : 单孜桑珠

作曲 : 久西措

女:

དྲིན་ཆེན་བླ་མའི་སྐུ་ཚེ་ཞབས་བརྟན་ཤོག ཨེ།

དགེ་འདུན་སྦྱིན་བདག་ཆོས་བསོད་འཕེལ་བར་ཤོག

རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་་ཤོག ཡ།

བཀྲ་ཤིས་ཉི་མ་རྒྱལ་ཁམས་འཆར་པར་ཤོག འཆར་པར་ཤོག་ཡེ།

男:

བཀྲ་ཤིས་ཁ་བཏགས་གངས་ཅན་ལྗོངས་ལ་འཐེན། ཡེ།

ཁ་བཏགས་དཀར་པོའི་རྟེན་འབྲེལ་འགྲུབ་པར་ཤོག

འགྲུབ་ནས་ཁ་བའི་ལྗོངས་ལ་ཕེབས་པར་ཤོག ཡ།

གཞི་བྱེས་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག་ཡེ།

བསམ་བསམ་ལྷུན་གྱིས་འགྲུབ་པའི་ཉིན་མོ་ལ། ཡེ།

དུས་སུ་འབབས་པའི་བཀྲ་ཤིས་དགེ་མཚན་ཡིན།

བཀྲ་ཤིས་རྒྱལ་མཚན་འཛམ་གླིང་ཡོངས་ལ་འཆར། ཡ།

བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག་ཡེ།

女:

ཚེ་རིང་ནད་མེད་བསམ་དོན་འགྲུབ་པར་ཤོག ཡེ།

ཚེ་བསོད་ཡོན་ཏན་ལོངས་སྤྱོད་རྒྱས་བར་ཤོག ཡེ།

བྱ་བ་མཐའ་དག་ཡོངས་སུ་འགྲུབ་པར་ཤོག ཡ།

ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག་ཡེ།

合:

ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག་ཡེ།

བཀྲ་ཤིས་ཤོག་ཡེ།

下载地址:

此为隐藏内容,需人机验证后查看下载!