白日然珠-隼鹰狼歌曲免费下载

《白日然珠-隼鹰狼》歌曲详情

作词 : 白日然珠

作曲 : 白日然珠

编曲 : 白日然珠

ཁྲ་གླག་སྤྱང་གསུམ།

ཚིག བེ་རི་མདའ་པ།

དབྱངས། བེ་རི་རང་གྲོལ།

གཞས་པ་བེ་རི་རང་གྲོལ།

ཁྲ་གླག་སྤྱང་གསུམ།

ཕར་འདུལ་གྱི་དྲག་ལུང་ཁྱེར་ཡོད།

ཁྲ་གླག་སྤྱང་གསུམ།

འཇིག་རྟེན་ལ་འཇིགས་སྐྲག་བསླངས་ཡོད།

ཁྲ་དར་མ་སོ་ལ་ཆས་ཆས།

གླག་རོག་པོ་གཟན་ལ་འཇུམ་འཇུམ།

སྤྱང་ཤ་ཟན་སྒང་ཟེ་འགྲིམ་འགྲིམ།

སྟག་ཤ་རས་རྟིང་མ་བླངས་བླངས།

ཁྲ་དེ། གླག་དེ། སྤྱང་དེ།

ཕོ་ལྷ། ་དགྲ་ལྷ། ལས་ལྷ་བསོ།

ཁྲ་དེ་གཡས་འཁོར།

གླག་དེ་གཡོན་འཁོར།

སྤྱང་དེ་རི་སྒང་ནས་ཆས་སོང་།

འཇིག་རྟེན་བཟོ་བཅོས་ཕོད་པའི་དཔའ་བོ།

ཁྲ་གླག་སྤྱང་གསུམ་གྱི་བློ་སྟོབས་སྦྱང་དགོས།

རིགས་ཀྱི་མདུན་ལྗོངས་སེམས་པའི་མཛངས་མི།

ཁྲ་གླག་སྤྱང་གསུམ་གྱི་འགྲོ་ལུགས་ཤེས་དགོས།

དགྲ་ལྷའི་ཁྲ་མཁར་གོང་མ་ནས།།

དཔའ་ཆེན་དགྲ་ལྷ་ཝེར་མའི་དཔུང་།།

གདོང་དམར་སྲིན་རྒོད་དྲག་ཏུ་ཁྲོས་པའི་བུ།།

ཁ་བ་གངས་ཅན་པ་ལ་སྡོང་གྲོགས་མཛོད།།

ཁྲ་གླག་སྤྱང་གསུམ།

ཕར་འདུལ་གྱི་དྲག་ལུང་ཁྱེར་ཡོད།

ཁྲ་གླག་སྤྱང་གསུམ།

འཇིག་རྟེན་ལ་འཇིགས་སྐྲག་བསླངས་ཡོད།

ཁྲ་དར་མ་སོ་ལ་ཆས་ཆས།

གླག་རོག་པོ་གཟན་ལ་འཇུམ་འཇུམ།

སྤྱང་ཤ་ཟན་སྒང་ཟེ་འགྲིམ་འགྲིམ།

སྟག་ཤ་རས་རྟིང་མ་བླངས་བླངས།

ཁྲ་དེ། གླག་དེ། སྤྱང་དེ།

ཕོ་ལྷ། ་དགྲ་ལྷ། ལས་ལྷ་བསོ།

ཁྲ་དེ་གཡས་འཁོར།

གླག་དེ་གཡོན་འཁོར།

སྤྱང་དེ་རི་སྒང་ནས་ཆས་སོང་།

སྤྱང་དེ་རི་སྒང་ནས་ཆས་སོང་།

下载地址:

此为隐藏内容,需人机验证后查看下载!