尼玛顿珠-18岁歌曲免费下载

《尼玛顿珠-18岁》歌曲详情

作词 : 热西·嘎玛桑登

作曲 : 尼玛顿珠

编曲 : 热松

མགོ་སྐྲ་ལོ་སྤྲིན་ལ་མ་ཐུག་ཙམ། །

རྐང་འཇུར་རྟས་རི་བོ་མ་བརྫིས་ཙམ། །

སེམས་གཤོག་པ་ཐོགས་ནས་གནམ་ལ་འཕུར། །

ཁ་ཡར་བསྐོར་དགྲ་བོའི་སྔུན་ལ་བསྐོར། །

སྡོང་དགྲ་བོ་དེ་གཉིས་བསྐོར་བསྐོར་བྱས། །

ཁ་མར་བསྐོར་མཛེས་མའི་དཀྱིལ་ལ་བསྐོར། །

སྨན་བུ་མོ་དེ་དང་བསྐོར་བསྐོར་བྱས། །

ལོ་བཅོ་བརྒྱད་དཔུང་པ་ཡག་དུས་རེད། །

ལོ་བཅོ་བརྒྱད་སྣང་བ་མཐོ་དུས་རེད། །

ལོ་བཅོ་བརྒྱད་རིག་པ་དྭངས་དུས་རེད། །

ང་ད་ལོ་ཕོ་ལོ་18རེད།། །

གཏམ་སྐད་ཆ་རྒྱ་མཚོ་འཁྱིལ་ལེ་འདྲ། །

གླུ་ལ་ཤགས་ཡུལ་ཆུ་འབབ་ལེ་འདྲ། །

འཛུམ་རྩེད་མོ་གར་དགའ་གར་སྐྱིད་རེད། །

མིག་ཕར་བལྟས་མི་ཡུལ་ས་མཐར་བལྟས། །

ས་རྒྱ་གྲོང་དེ་ལ་བསྐོར་བསྐོར་བྱས། །

མིག་ཚུར་བལྟས་སློབ་གླིང་ནང་ལ་བལྟས། །

ཤེས་ཡོན་ཏན་ཡིད་ལ་བསྐོར་བསྐོར་བྱས། །

ལོ་བཅོ་བརྒྱད་སྤོབས་པ་ཆེ་དུས་རེད། །

ལོ་བཅོ་བརྒྱད་རིག་པ་དྭངས་དུས་རེད། །

ལོ་བཅོ་བརྒྱད་སྣང་བ་མཐོ་དུས་རེད། །

ང་ད་ལོ་ཕོ་ལོ་18རེད།། །

ལོ་བཅོ་བརྒྱད་དཔུང་པ་ཡག་དུས་རེད། །

ལོ་བཅོ་བརྒྱད་སྣང་བ་མཐོ་དུས་རེད། །

ལོ་བཅོ་བརྒྱད་རིག་པ་དྭངས་དུས་རེད། །

ང་ད་ལོ་ཕོ་ལོ་18རེད།། །

---END---

宣传发行 : 珞玛文化工作室

歌词制作 : 妙音才华

下载地址:

此为隐藏内容,需人机验证后查看下载!