作词 : 拉加才让
作曲 : 德白
编曲 : 从前
གངས་དཀར་རི་བོའི་འདབས་ན། །
སྤང་ལྗོངས་རྩྭ་ཐང་འདི་སྐྱིད།
གཡང་དཀར་སྤྲིན་དུ་གྱུར་སོང་། །
ཅང་ཤེས་རླུང་དུ་འཕྲུལ་སོང་། །
གངས་དཀར་རི་བོའི་འདབས་ན། །
མཐིང་སྨུག་སྦྲ་ཁྱིམ་འདི་སྐྱིད། །
འོ་ཞོ་རླབས་སུ་གྱུར་སོང་། །
འབྲོག་དམངས་ཡིད་སེམས་དགའ་སོང་། ། སྔོ་བསང་ཨ་སྔོན་དབྱིངས་སུ།
འཕུར་བའི་སྤྲིན་དཀར་ལེབ་མོ། །
བདག་གི་ལྷག་སེམས་དྭངས་ནས། །
རབ་དཀར་གངས་རིར་འཐིམ་སོང་། །
སྔོ་ལྗང་ནེའུ་གསིང་གཞི་ནས། །
བཞད་པའི་གངས་རྒྱན་པདྨ། །
བདག་གི་བརྩེ་དགའ་དྭངས་ནས། །
རྣམ་ཤེས་སྤང་རིར་འགྲིམ་སོང་། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |