作词 : 云纹 ཚིག། སྤྲིན་རིས།
作曲 : 降玛•扎西东珠
编曲 : 饶磊
录音:仁青
混音:饶磊
男:
རི་བོའི་སྒང་ནས་བལྟས་ན།
གཞོང་ལ་མེ་ལོང་བཞག་འདྲ།
གམ་ལ་གཅར་ནས་སོང་ན།
འཇའ་ཚོན་སྣ་སྔ་བྲིས་ཡོང་།
ཨོ། ང་ཡི་ཕ་ཡུལ་ལགས། ཕ་ཡུལ་ལགས།
དཔའ་བོའི་ལོ་རྒྱུས་ཀྱི་ཁྲོད་ནས་རྙེད་ཡོང་།
འབྲོང་གི་རྭ་རྩེ་ན་དུམ་བུ་ཆད་པའི་སྨུག་པ་ཡིན།
ཉི་མའི་མགུ་རྒྱན་བཏགས་པའི་མུ་ཏིག་ཡིན།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡི་བསྟོད།
女:
གངས་ཀྱི་རྩེ་མོར་བལྟས་ན།
སྤྲིན་པ་དབུ་ཞྭ་བསྣབས་འདྲ།
གངས་ཆུ་འཐུང་བའི་མི་རིགས།
དཔའ་མཛངས་རྟུལ་ཕོད་ལྡན་སོང་།
ཨོ། ང་ཡི་ཕ་ཡུལ་ལགས། ཕ་ཡུལ་ལགས།
འཛམ་གླིང་ཡངས་རྩེ་ན་ཤར་བའི་སྐར་མ་ཡིན།
ལོ་ཟླའི་ཆར་རླུང་གིས་བྲིས་པའི་སྣང་གསལ་རི་མོ་ཡིན།
ཨ་ལ་ཐ་ལའི་དབྱངས་རྟའི་འགུགས་ལུགས་རེད། ཡེ།
ང་ཡི་ཕ་ས་ཕ་ཡུ་གླུ་ཡི་བསྟོད།
合:
རྒྱང་ནས་ཡུལ་ལ་གཟིགས་ན།
གསེར་གྱི་ཁ་སྤྲིས་ཆགས་འདྲ།
རང་ཡུལ་འོ་མའི་མཚོ་མོ།
སྲོག་གི་རྟེན་ཕུར་ཡིན་སོང་།
ཨོ། ང་ཡི་ཕ་ཡུལ་ལགས། ཕ་ཡུལ་ལགས།
འདོ་རིགས་རྟ་ཕོ་ཡི་རྨིག་སྒྲའི་ཀློང་ན་ཡོད།
བཙན་པོའི་རིགས་རྒྱུད་ནས་མཆེད་པའི་གདོང་དམར་སྤུན་ཟླ་ཡིན།
རུས་རྐང་ཟབ་སར་འཁྱིལ་བའི་ཟུངས་ཁྲག་ཡིན།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡིས་བསྟོད།
ཡེ། ཡ་རེ་ཡེ། ཡ་རེ་ཡེ། ཡ་རེ་ཡེ།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡིས་བསྟོད།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡིས་བསྟོད།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡིས་བསྟོད།
ང་ཡི་ཕ་ས་ཕ་ཡུལ་གླུ་ཡིས་བསྟོད།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |