作词 : 达娃次仁
作曲 : 达娃次仁
出品:西藏神奇小子文化传媒
女:
ཡུལ་ལ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
སྐྱིད་པའི་ཆུ་ཤུར་གཞུང་ལ་ཡོད།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
男:
ཚལ་སྣེ་འབྲུ་ཡི་བང་མཛོད་ཡིན།
བྱེ་ནུབ་ཆང་རྩིའི་འབྱུང་ཁུངས་ཡིན།
སྒྲོལ་མ་ལྷ་ཁང་གནའ་ཉམས་ལྡན།
ཤུག་གསེབ་དགོན་པ་ལྷ་ཡུལ་ཡིན།
合:
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
男:
ཡུལ་ལ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
སྐྱིད་པའི་ཆུ་ཤུར་གཞུང་ལ་ཡོད།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
女:
ཨ་ཁུ་འཇུན་པའི་དྲྭ་བ་དེ།
སེར་ཉ་བཀུག་པའི་ལྕགས་ཀྱུ་ཡིན།
རྡོ་བཤགས་བཞོན་པའི་ཐོ་བ་དེ།
ཕྱུག་པོར་འགྲོ་བའི་ལམ་བུ་ཡིན།
合:
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
ཡུལ་ལ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
སྐྱིད་པའི་ཆུ་ཤུར་གཞུང་ལ་ཡོད།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
男:
ཆུ་ཤུར་བུ་མོའི་གླུ་དབྱངས་དེ།
བྱིའུ་ཆུང་འཇོལ་མོའི་གསུང་སྐད་ཡིན།
女:
ཆུ་ཤུར་གཞོན་པའི་ཞབས་བྲོ་དེ།
ཐང་དཀར་རྒོད་པོའི་གཤོག་རྩལ་ཡིན།
合:
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
ཡུལ་ལ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
སྐྱིད་པའི་ཆུ་ཤུར་གཞུང་ལ་ཡོད།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
ཁང་གསར་ཀ་བཞི་གདུང་བརྒྱད་ཡིན།
འབྲུ་རིགས་སྣ་ལྔའི་རྩིག་པ་ཡིན།
སྔར་ལས་དར་ཞིང་རྒྱས་པའི་ཆེད།
ཞིང་པ་ང་ཚོས་སྨོན་ལམ་ཞུས།
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།
དེ་འདྲའི་ཡུལ་འདི་སྐྱིད་པ་ལ།
དེ་འདྲའི་ཡུལ་འདི་མཛེས་པ་ལ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |