作词 : 雪鹰旦增
作曲 : 雪鹰旦增
伴唱:水青稞组合
ཁྱེད་ཀྱི་ཞལ་རས་ནམ་མཁའི་སྤྲིན་དཀར་འདྲ།
སྐྲ་ཞུབས་འདི་བོད་ཆས་འདི་སྙིང་རྗེ་ལ།
ཁྱེད་ཀྱི་འཛུམ་མདངས་འདི་ཡིད་དབང་འཕྲོག
རྟ་འདུན་དབང་པོ་བཞིན་ངའི་སེམས་ནང་ཉི་མ་ཤར་བྱུང་།
མིག་ནང་ཟླ་བ་ཤར་བྱུང་ཁྱེད་ལས་མཛེས་པ་མེད།
ཁྱེད་ཀྱི་སྐུ་གཟུགས་དངས་གཙང་ཆུ་མོ་འདྲ།
གསུང་སྐད་སྙན་པོ་འདི་རི་ཀླུང་ཀུན་ལ་སྙན།
ལྷད་མེད་བརྩེ་གདུང་འདི་ཁྱེད་ལ་བཅངས་དམ་བཅའ་གཅིག
ཚངས་དབྱངས་རྒྱ་མཚོའི་སྙན་ངག་ནང་བཞིན།
སྣང་སའི་རྣམ་ཐར་ནང་བཞིན་ཁྱེད་ཀྱི་ཕྱོགས་ལ་འཕུལ།
བུ་མོ་ཁྱེད་ནམ་མཁའི་ལྷ་མོ་མི་ཡུལ་ལ་ཕེབས་པ་འདྲ།
མ་ཕམ་གཡུ་མཚོ་ཡི་ཟུར་ཞིག་ལ་གསེར་བྱ་ངང་པ་གཉིས།
བུ་མོ་ཁྱེད་ལྷ་ཡི་སྲས་མོ་མི་ཡུལ་ལ་ཕེབས་པ་འདྲ།
ཆུང་འདྲིས་ནོར་བུ་ང་གཉིས་མི་ཚེ་བདེ་སྐྱིད་ཡོང་བ་ཤོག
ཧེ། བུ་མོ། སྙིང་ཀྱི་བུ་ཆུང་ལགས།
ཡོད། ང་ཡིས་ཁྱེད་ལ་བཤད་པའི་དམ་བཅའ།
དངོས་གནས་ཡིན་པ་ཤོག
སྐྱིད་པའི་ལམ་ལ་མཉམ་དུ་འགྲོ་དང་དགའ་བའི་མི་དང་འགྲོ།
སིམ་སིམ་སིམ་སིམ་སིམ་སིམ་སིམ་ལ།
མི་ཚེ་འདི་ལ་ཟ་རྒྱུ་འདམ་ལས་མེད་ནས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
བསམ་རྒྱུ་ཟེར་ནའི་དྲན་རྒྱུ་ཟེར་ནའི་ཁྱེད་ལས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
ཁྱེད་ཀྱི་སྐུ་གཟུགས་དངས་གཙང་ཆུ་མོ་འདྲ།
གསུང་སྐད་སྙན་པོ་འདི་རི་ཀླུང་ཀུན་ལ་སྙན།
ལྷད་མེད་བརྩེ་གདུང་འདི་ཁྱེད་ལ་བཅངས་དམ་བཅའ་གཅིག
ཚངས་དབྱངས་རྒྱ་མཚོའི་སྙན་ངག་ནང་བཞིན།
སྣང་སའི་རྣམ་ཐར་ནང་བཞིན་ཁྱེད་ཀྱི་ཕྱོགས་ལ་འཕུལ།
བུ་མོ་ཁྱེད་ནམ་མཁའི་ལྷ་མོ་མི་ཡུལ་ལ་ཕེབས་པ་འདྲ།
བྲི་ཞིམ་མེ་ཏོག་ཀྱི་བཟུར་ཞིག་ལ་ལྕམ་ཅི་ལྷ་མོ་གཉིས།
བུ་མོ་ཁྱེད་ལྷ་ཡི་སྲས་མོ་མི་ཡུལ་ལ་ཕེབས་པ་འདྲ།
ཆུང་འདྲིས་ནོར་བུ་ང་གཉིས་མི་ཚེ་བདེ་སྐྱིད་ཡོང་བ་ཤོག
མི་ཚེ་འདི་ལ་ཟ་རྒྱུ་འདམ་ལས་མེད་ནས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
བསམ་རྒྱུ་ཟེར་ནའི་དྲན་རྒྱུ་ཟེར་ནའི་ཁྱེད་ལས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
མི་ཚེ་འདི་ལ་ཟ་རྒྱུ་འདམ་ལས་མེད་ནས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
བསམ་རྒྱུ་ཟེར་ནའི་དྲན་རྒྱུ་ཟེར་ནའི་ཁྱེད་ལས་མེད།
སིམ་སིམ་སིམ་ལ་མི་ཚེ་གཅིག
སིམ་སིམ་སིམ་ལ་མི་ཚེ་གཅིག

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |