嘎子·索南加/央金次卓-吉祥酒歌歌曲免费下载

《嘎子·索南加/央金次卓-吉祥酒歌》歌曲详情

作词 : 甘珠尔大师

作曲 : 嘎子·索南加

རྟེན་འབྲེལ་ཆང་གཞས།

ཚིག བཀའ་འགྱུར་རིན་པོ་ཆེ།

དབྱངས། ཀ་ཙའི་བསོད་ནམས་སྐྱབས།

གླུ་བ། ཀ་ཙའི་བསོད་ནམས་སྐྱབས། དབྱངས་ཅན་ཚེ་སྒྲོན།

སྒ་ཡུལ་ཤུལ་གཡང་གི་མཚོ་མོ་ཡིན༎

ཁྱེད་སྐུ་མགྲོན་གསེར་བྱ་ངང་མོ་ཡིན༎

ཆང་བདུད་རྩི་ནོར་བུ་དགའ་འཁྱིལ་ཡིན༎

ཚེ་དབང་ཐང་རྒྱས་པའི་ཆང་འདི་བཞེས༎

སྒ་ཡུལ་ཤུལ་མར་གྱི་རི་བོ་ཡིན༎

ཁྱེད་སྐུ་མགྲོན་འོ་མའི་ཆབ་རྒྱུན་ཡིན༎

ནང་མཐུན་སྒྲིལ་གསེར་ཟམ་པ་ཏྲ་ཡིན༎

ལས་བསོད་ནམས་དར་བའི་ཆང་འདི་བཞེས༎

སྒ་ཡུལ་ཤུལ་ལྷ་ཡི་ཞིང་ཁམས་ཡིན༎

ཁྱེད་སྐུ་མགྲོན་ལྷ་ཕྲུག་གཞོན་ནུ་ཡིན༎

གླུ་སྙན་མོ་རྣ་བའི་བདུད་རྩི་ཡིན༎

སྐྱིད་ལོངས་སྤྱོད་འཛོམས་པའི་ཆང་འདི་བཞེས༎

སྒ་ཡུལ་ཤུལ་ནོར་གྱི་བང་མཛོད་ཡིན༎

ཁྱེད་སྐུ་མགྲོན་ནོར་བུའི་མཛེས་རྒྱན་ཡིན༎

སེམས་བསམ་པ་དར་དཀར་དྲི་མེད་ཡིན༎

下载地址:

此为隐藏内容,需人机验证后查看下载!