洛桑龙珠-孤独者歌曲免费下载

《洛桑龙珠-孤独者》歌曲详情

作词 : 洛桑龙珠

作曲 : 洛桑龙珠

ཕྱི་ཁྲ་ཁྲའི་འཇིག་རྟེན་ཡིན་ཡང་།།

སེམས་ཁྲ་ཁྲའི་དབང་ལ་ཤོར་མེད།།

གྲོང་མི་ཚོགས་རྙོག་འཛིག་ཆེ་ཡང་།།

རང་རྟེན་པོའི་ཚུགས་ཀ་འགྱུར་མེད།།

སོ་ཡ་ཡ་་་

མི་རྐྱང་འཁྱམས་པོའི་རང་ཚུགས་རྟེན་པོ་ཡིན་སོང་།།

ཡུལ་རྒྱུས་མེད་ས་མཐའ་འགྲིམ་ཀྱང་།།

སྐྱིད་རང་ཡུལ་ལུངས་པ་བརྗེད་མེད།།

སྟོང་སྡེ་བ་མྱི་ཁ་ཆེ་ཡང་།།

བློ་ཡིད་ཆེས་བྱེད་ས་ནོར་མེད།།

སོ་ཡ་ཡ་་་

མི་རྐྱང་འཁྱམས་པོའི་ཡིད་སེམས་སྐྱིད་པོ་ཡིན་སོང་།།

ཚེ་སྔ་མའི་སྨོན་ལམ་བཟང་པོའི།།

བོད་ཆོས་ལྡན་ཞིང་དུ་སྐྱེ་སོང་།།

སྤྲོ་ལྷང་ལྷང་གླུ་ཆུང་ལེན་པ།།

སྐྱིད་མི་ཡུལ་འགྲིམ་པའི་དོན་ཡིན།།

སོ་ཡ་ཡ་་་་

མི་རྐྱང་འཁྱམས་པོ་གར་སོང་སྐྱིད་པོ་ཡིན་སོང་།།

下载地址:

此为隐藏内容,需人机验证后查看下载!